བོད་ཡིག་དྲ་འབྲེལ།
མ་ཡུམ་རྩོམ་སྒྲིག་པ།
སློབ་སྟོན་པ། རྒྱལ་རོང་ཐུབ་བསྟན་ཆོས་སྒྲོན།
སྤྱི་ཁྱབ་རྩོམ་སྒྲིག་པ། མེ་འོད།
ལག་བསྟར་རྩོམ་སྒྲིག་པ། ཉི་མ་འཚོ། ཚེ་རིང་ཆོས་སྒྲོན།
རྩོམ་སྒྲིག་པ། འབྲོང་དར་རྒྱས། བྱ་སྨྱོན་པ།
འབྲེལ་མཐུད་པ། རྒྱལ་རོང་པདྨ།
སྤྱི་ཁྱབ་རྩོམ་སྒྲིག་པ། མེ་འོད།
ལག་བསྟར་རྩོམ་སྒྲིག་པ། ཉི་མ་འཚོ། ཚེ་རིང་ཆོས་སྒྲོན།
རྩོམ་སྒྲིག་པ། འབྲོང་དར་རྒྱས། བྱ་སྨྱོན་པ།
འབྲེལ་མཐུད་པ། རྒྱལ་རོང་པདྨ།
དྲ་ངོས་ཀློག་གྲངས།
About Me
- མ་ཡུམ།
- མ་ཡུམ་ཞེས་པའི་དྲ་རྒྱ་འདི་ནི་བུད་མེད་རྐྱང་བའི་རྩོམ་པ་པོ་རྣམས་ཀྱི་ཆེད་དུ་ཡིན་པ་དང༌། གཙོ་བོ་བུད་མེད་རྣམས་ཀྱི་བསམ་བློ་བརྗེ་རེས་བྱེད་སའི་སྟེགས་བུ་ཞིག་དང༌། བུད་མེད་རྣམས་ཀྱི་འདས་པའི་བྱུང་བ་དང་ད་ལྟའི་གནས་བབ། མ་འོངས་པའི་ཕུགས་བསམ་བཅས་གསལ་སྟོན་བྱེད་སའི་རང་དབང་གི་སྟེགས་བུ་ཞིག་ཀྱང་ཡིན། དྲ་རྒྱ་འདི་བུད་མེད་རྒན་གཞོན་དང༌། བཙུན་མ། སློབ་ཕྲུག་ཡོངས་ལ་གཏན་དུ་དབང༌།
འབྲེལ་གཏུགས་ཁ་བྱང་།
mayum2010@gmail.com
Blog Archive
དམིགས་བསལ་ལེ་ཚན།
ཟིན་བྲིས་འདིའི་བདག་དབང་ཆ་ཚང་མ་ཡུམ་དྲ་རྒྱ་ལ་ཡོད།. Powered by Blogger.
རྩོམ་ཡིག་གསར་ཤོས་བཅུ།
- བུ་མོའི་སྙིང་རྗེ་པོའི་བསམ་སྦྱོར་གཏམ་གསུམ།
- ༤།༡༤་རྗེས་དྲན།
- སྦེལ་ཀོབ་ནས་རྙེད་པའི་སྙན་ངག
- ཕྲུ་གུ་བརྒྱད་མཉམ་གཅིག་ཏུ་སྐྱེས་པའི་ཨ་མ།
- འཛམ་གླིང་སྟེང་གི་ཆེས་ལོ་ན་མཐོ་བའི་བོད་ཡིག་གསར་སློབ་པ།
- བྱམས་བུད་མེད་རྩོམ་རིག་བྱ་དགའ།
- འདི་ནི་མ་ཡུམ་ཚོས་ནམ་རྒྱུན་མྱོང་བཞིན་པའི་བརྙས་བཅོས་ཤིག་རེད།
- མ་ཅིག་ལབ་སྒྲོན།
- བཟའ་ཚང་བར་ཕན་ཚུན་བསམ་ཤེས་བྱེད་ཀྱི་ཡོད།
- བུད་མེད།
༥/༨ ཨ་མའི་དུས་ཆེན་ལ།
བོད་ཀྱི་མ་ཡུམ་ཚོ་གཙོས་པའི་གནམ་འོག་གི་ཨ་མ་ཚང་མར་འཚམས་འདྲི་ཞུ་བ་དང་། ཨ་མ་ཚོའི་མཐའ་མེད་པའི་བྱམས་སེམས་དང་གཏིང་ཟབ་པའི་བརྩེ་བ་ཡིས་འགྲོ་བ་མིའི་རིགས་ཀྱི་རང་བྱུང་ཁམས་ལ་བདེ་སྐྱིད་རྫོགས་ལྡན་ཐོབ་པར་སྨོན་འདུན་ཞུ།
Thursday, February 10, 2011
རྒྱ་རིགས་རྩོམ་པ་པོ་ཀྲང་ལིང་གྱིས་བརྩམས། མིག་དམར་ཆོས་སྒྲོན་གྱིས་རྒྱ་ཡིག་ལས་བསྒྱུར།
དུས་རབས་ཉི་ཤུ་པའི་དུས་དཀྱིལ་ཙམ་ལ། རྒྱ་ནག་ཏུ་ཕུལ་དུ་བྱུང་བའི་སློབ་ཆེན་གྱི་སློབ་སྤྱི་ཞིག་ཡོད། སློབ་གྲྭ་དེར་ལོ་ལྟར་སློབ་མ་མང་པོ་བསྡུ་བཞིན་ཡོད་པས། ཁོང་ལ་ལྐོག་རྔན་ཕུལ་མཁན་དང་སྤྲེལ་ལད་འཁྲབ་མཁན་ཡང་མང་པོ་བྱུང༌། འོན་ཀྱང༌། ཁོང་གིས་ཁྱིམ་བདག་རྣམས་ལ་ཐུགས་རྗེ་ལེགས་འབུལ་ཞུ་བ་ལས། ལྐོག་རྔན་གཏན་ནས་བླངས་མྱོང་མེད། ཉིན་ཞིག་སློབ་སྤྱི་ཕྱི་རོལ་དུ་བསྐྱོད་སྐབས་ཁྱིམ་བདག་ཅིག་གིས་རིན་གོང་ཆེ་བའི་ཇ་སྐམ་ཤོག་ཁུག་ཅིག་དང་ཐ་མག་སྒམ་གཉིས་ཁོང་གི་ཁྱིམ་དུ་བསྐྱལ།
ཁོང་ཕྱིར་ཕེབས་རྗེས་ལྐོག་རྔན་སྤྲོད་མཁན་གྱི་ཁྱིམ་བདག་དེའི་སྡོད་གནས་གསལ་པོར་བརྟག་ནས་དངོས་པོ་དེ་དག་གི་རིན་གོང་ཁྲོམ་རའི་གཅིག་མཚུངས་ལྟར་སྦྲགས་ཁང་བརྒྱུད་ནས་ཕྱིར་བསྐུར། ཁོང་ལ་མི་གཞི་བཟང་པོ་དེ་འདྲ་ཡོད་པས། བརྩི་བཀུར་དང་དད་གུས་བྱེད་མཁན་གྲངས་ཀྱིས་མི་ལོངས་པ་ཡོད།
ཁོང་གིས་མི་ཚེ་ལ་མཇུག་སྡོམ་འདི་འདྲ་ཞིག་བརྒྱབས་འདུག མི་ཚེའི་ལམ་བུར་མི་གཞི་བཟང་པོའི་འོད་སྟོང་འཕྲོས་ནས་མདུན་བསྐྱོད་བྱ་དགོས་ན། ལམ་སྒྲོན་མང་པོ་ཡོད་པའི་ནང་ནས་གཤམ་གྱི་ལམ་སྒྲོན་གསུམ་དེར་ངེས་པར་དུ་འབད་བརྩོན་བྱ་དགོས།
ལམ་སྒྲོན་དང་པོ་ནི་དྲང་བདེན་ཡིན།
ང་ཚོས་བྱ་བ་གང་ཞིག་སྒྲུབ་རུང་ཆུ་ཕོར་བ་གང་འཁྱེར་བ་བཞིན་དྲང་པོ་དགོས། མི་གཞན་གྱིས་སྒྲུབ་པའི་ལས་བཟང་དག རང་དང་རང་གི་མཐའ་འཁོར་ཚོས་མ་སྐུལ་དང་བླངས་ཀྱིས་བསྒྲུབ་དགོས། གཞན་གྱིས་མི་ལས་པའི་ལས་ངན་གྱི་གྲིབ་མ་དེ་དག ཁྱེད་དང་ཁྱེད་ཀྱི་མཐའ་འཁོར་ཚོའི་ཐོག་ཏུ་གཏན་ནས་སླེབས་མི་སྲིད། བྱ་བ་དྲང་པོར་སྒྲུབ་ན་གཞན་གྱིས་ཁྱེད་ལ་ཡིད་ཆེས་དང༌། རྒྱབ་སྐྱོར། བསམ་གཞིགས་བྱེད་ངེས་ལ། རང་ཉིད་ཀྱི་བྱ་བཞག་ཀྱང་བློ་བདེ་བག་ཕེབས་ངང་སྒྲུབ་ཆོག
ལམ་སྒྲོན་གཉིས་པ་ནི་ངོ་ཚ་ཡིན།
ང་ཚོས་ནམ་ཡང་གཞན་དང་གཞུང་གི་རྒྱུ་ནོར་ཧམ་ཟ་བྱེད་མི་རུང༌། རང་ཉིད་ཀྱིས་མི་གཞན་གྱི་ཅ་དངོས་ཅི་ཞིག་ཡིན་ཡང་དེ་ལ་འདོད་སེམས་བཅངས་མི་རུང༌། མི་ཞིག་ཡིན་ཕྱིན་ངོ་ཚ་ངེས་པར་དུ་དགོས། རང་ཉིད་ཀྱིས་བྱ་བ་ལོག་པ་དང་ནོར་འཁྲུལ་བྱས་ཚེ་དེ་ལ་ངོ་གནོང་སྐྱེ་དགོས། དེ་གང་འདྲ་བྱས་ནས་བསྒྱུར་བཅོས་གཏོང་མིན་བསམ་ཕོད་པ་དགོས། སྔ་མོའི་གཏམ་དཔེར། དྲང་བདེན་ནི་མིང་གྲགས་དང༌། ངོ་ཚ་ནི་བརྗིད་ཉམས་ཡིན་ཞེས་པ་ལྟར། རང་ཉིད་ལ་ཐོབ་པ་དང་མི་ཐོབ་པ་གཉིས་དབྱེ་བ་གསལ་པོ་འབྱེད་ཐུབ་པ་དང༌། རང་སྐྱོན་ངོས་ལེན་བྱེད་ཐུབ་པ་ཞིག་ཡོད་ན་གཞན་གྱིས་ཁྱེད་ལ་བློ་གཏོད་སྲིད་ལ། ཁྱེད་ཀྱི་བརྗིད་ཉམས་ཀྱང་ཡར་ངོ་ཟླ་བཞིན་འཕེལ་སྲིད།
ལམ་སྒྲོན་གསུམ་པ་ནི་བྱམས་བརྩེ་ཡིན།
གཞན་གྱི་གནས་བབ་ལ་ཐུགས་འཁུར་དང་བསམ་གཞིག་ཐུབ་པ་དགོས། འཇིག་རྟེན་འདིའི་སྟེང་གི་མི་སུ་ཞིག་ཡིན་རུང༌། སྤྱི་ཚོགས་འདིའི་འོད་ཟེར་ལོ་ངོ་བཅུ་ཕྲག་འགར་གཡར་བ་ཙམ་ཡིན། སྤྱིར་བཏང་མི་ཚང་མས་སྐྱེ་འཆི་ནི་མི་རྟག་པ་ཞིག་ཡིན་པ་ཤེས་ཡོད། དེ་བཞིན། རྒྱུ་ནོར་དང༌། གོ་ས། མིང་གྲགས་སོགས་ཀྱང་མི་རྟག་པའི་རང་བཞིན་དུ་གྱུར་ཡོད། སྤྱི་ཚོགས་འདིར་དངོས་ཡོད་ཀྱི་དོན་སྙིང་ལྡན་པ་ནི་སེམས་བསམ་པའི་བྱམས་བརྩེ་དེ་ཡིན། དངོས་ཡོད་ཀྱི་བདེ་སྐྱིད་ནི་བྱམས་བརྩེ་ཡིས་སྐྲུན་བཞིན་ཡོད། དེར་བརྟེན། ང་ཚོས་ཀྱང་བྱམས་བརྩེ་དེ་ལག་ལེན་དུ་བསྟར་ཐུབ་ན་གཡར་ཡོང་བའི་ལུས་པོ་འདི་ཡང་སྟོང་ཟད་དུ་མི་འགྲོ་བས་མི་ཚད། འོད་ཟེར་སྟོང་ལྡན་གྱིས་ཁེངས་པར་འགྱུར་སྲིད་པས། མི་རྣམས་ཀྱིས་བྱམས་བརྩེ་ལ་འབད་རོགས།
བྱམས་བརྩེ་ནི་མི་བུ་ཞིག་གི་སྒྲུབ་བྱ་གཙོ་བོ་ཡིན།
མི་ལ་ལས་མི་ཚེའི་ནང་ལམ་སྒྲོན་གསུམ་པོ་དེ་དགོས་པ་མི་ཤེས་སྟབས། མི་གཞི་དོར་ནས་རྒྱུ་ལ་རྔམ་པ་དང༌། ངོ་ཚ་སྐྱུར་ཏེ་གོ་སར་སྙེག་པ། ལ་རྒྱ་དོར་ནས་མིང་གྲགས་བསྐྲུན་པ་སོགས་ཀྱི་ལས་འདྲ་མིན་བྱེད་ཀྱི་ཡོད་པ་རེད། ཅིག་བྱས་ན་མི་དེ་ཚོས་ལམ་སྒྲོན་དེ་དག་གིས་རང་ཉིད་ཀྱི་མི་ཚེའི་ལམ་བུར་འོད་ཟེར་འཕྲོ་གི་ཡོད་པ་མི་ཤེས་པ་མིན་པར་ཁོང་ཚོའི་སེམས་ཁམས་ལ་འོད་ཟེར་འཚམ་གྱི་མེད་པ་དང༌། མི་གཞན་གྱི་མིག་ཟུང་རིག་མི་ཉན་པ་ཡིན་པས། མཐའ་མར་ཁོང་ཚོའི་འཚོ་བའི་ནང་སྐྱོ་གར་གྱི་ལེའུ་རྫོགས་རྒྱུ་མེད། མི་དེ་ཚོའི་ལོ་རྒྱུས་ཀྱང་དྲི་ངན་བྲོ་བའི་གད་སྙིགས་ཕུང་པོ་ཞིག་དང་འདྲ་བོ་རེད།
ཁྱད་ཆོས་དེ་དག་གིས་རྒྱལ་ཕམ་ཐག་གཅོད་ཀྱིན་ཡོད། དེ་བས་སོ་སོའི་མི་ཚེར་ལམ་སྒྲོན་གསུམ་པོ་དེ་སྒྲོན་རྒྱུ་གལ་ཆེན་པོ་རེད། དོན་དངོས་ཐོག་དེ་དག་ནི་རང་ཉིད་ལ་འབྲས་བུ་གཡུར་དུ་ཟ་བ་ཞིག་ཐོབ་རྒྱུའི་ལམ་བུ་དེ་ཡིན།
མ་ཡུམ་དྲ་ཚིགས་ཀྱི་འཁྲུངས་སྐར་ལ་ཕུལ་བ། ཀླུ་སྨྱོན་ཧེ་རུ་ཀ
རང་བྱུང་ཁམས་ཆེན་པོ་ལྟ་བུའི་མ་ཡུམ་ཚོའི། ནམ་མཁའ་ལྟ་བུའི་བྱམས་བརྩེ་དང་། ས་གཞི་ལྟ་བུའི་ཕྱག་ཟུང་། རྒྱ་མཚོ་ལྟ་བུའི་སྤྱན་ཆབ་ཀྱིས་ཆེ་རུ་གསོས་པའི་ང་ཚོས། རང་གི་མ་ཡུམ་དག་ལ་དྲིན་ལན་ཅི་ཞིག་འཇལ་ཡོད། རང་གི་མ་ཡུམ་དག་གི་དྲིན་ལན་ཇི་ལྟར་འཇལ་རྩིས་ཡོད། ཀྱེ། བདག་གི་སྙིང་ཉེ་བའི་གྲོགས་པོ་དག
མ་ཡུམ་དྲ་བའི་དབུ་འབྱེད་ལ་བཅོས་མིན་སྙིང་ནས་རྟེན་འབྲེལ་ཞུ། ལྷ་ཆབ་སྦྱིན་པས།
རང་རེའི་བཙན་བྱོལ་སྤྱི་ཚོགས་འདི་འཁྲུག་ཆ་དོད་དུ་ཕྱིན་པ་དང་མཉམ་དུ་གཞུང་སྒེར་སྣ་ཚོགས་ཀྱི་རྩོམ་རིག་གི་དྲ་བ་སོགས་ཀྱང་དེ་བཞིན་དུ་ཆར་རྗེས་ཀྱི་ཤ་མོ་བཞིན་བརྡོལ་འོང་གི་འདུག འདས་པའི་ལོ་གཅིག་གི་ནང་ཚུན་ལ་ཡང་རྣམ་པ་མི་འདྲ་བའི་དྲ་བ་ཁག་དུ་མ་ཞིག་བྱུང་བའི་ཁྲོད་ཐད་ཀར་སྤྱི་ཚོགས་ལ་ཤུགས་རྐྱེན་ཡོད་པ་ཞིག་ཅི་བས་དཀོན་ནའང་། དེ་རིང་རྒྱལ་སྤྱིའི་སྐད་ཡིག་གི་ཉིན་མོར་སྟབས་བསྟུན་ནས་༼མ་ཡུམ༽ཞེས་པའི་དྲ་བ་འདི་བོད་རིགས་བུད་མེད་རྣམས་ལ་ཆེད་དུ་དམིགས་ནས་དབུ་འབྱེད་བྱས་པར་བཅོས་མིན་སྙིང་ནས་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་ཏུ། མ་འོངས་པར་འདི་དང་འདི་བརྒྱུད་ནས་བོད་རིགས་བུད་མེད་རྣམས་ཀྱིས་འདས་པའི་མེས་པོའི་སྲོལ་རྒྱུན་ལས་རང་གི་རིགས་ལ་དམའ་འབེབ་དང་མཐོང་ཆུང་ཅི་བྱས་ཀྱི་ཉམས་མྱོང་ལ་བརྟེན་ནས། གསར་གཏོད་དང་སྒྱུ་རྩལ། དམིགས་འབེན་ཡོད་པ་ཞིག་གི་ལམ་ཁ་སྙེག་ཐུབ་པའི་བཀྲ་ཤིས་བདེ་ལེགས་ཞུ།
མ༵་ཡུམ༵་དྲ་རྒྱ་ལ་ཕུལ་བའི་ཤིས་ཚིག་དང་འབོད་སྐུལ། དགེ་བཤེས་བེ་རི་འཇིགས་མེད།
མ༵་ཡུམ༵་གངས་ཅན་གྱི་ཞིང་ཁམས།། མ༵་རབས་རྒྱ་དམར་གྱིས་འཕྲོགས་ཀྱང་།།
མ༵་འཁྱོགས་དྲང་ཐིག་གི་རི་མོ།། མ༵་ཆད་དྲ་ཐོག་ནས་གསལ་འོང་།།
མ༵་ལོའི་འོ་མ༵་ཡིས་གསོས་པའི།། མ༵་སྤུན་བོད་རིགས་ཀྱི་མི་དམངས།།
མ༵་བཅོས་སེམས་ཁམས་ཀྱི་རི་མོ།། མ༵་སྦས་དྲ་ཐོག་ལ་ཁོད་དང་།།
རྒན་བསོད་ནམས་རྒྱལ་མཚན་གྱིས་མ་ཡུམ་དྲ་ཚིགས་ལ་གནང་བའི་ཤིས་ཚིག
རྟེན་འབྲེལ་ཞུ། སེམས་ཁུང་གི་ཀུན་རྟོགས་ཀྱི་འདབ་མ་རེ་རེ། མཁའ་དབྱིངས་སུ་རྩེན་པའི་ཆུ་འཛིན་གཞོན་ནུ་དང་བསྡེབས་ནས། མཐའ་ཡས་པའི་བློ་གསར་པ་མང་པོ་ཞིག་གི་འདབ་མ་གྲོལ་བའི་སྨོན་འདུན་ཞུ།
ཨ་འཇམ་གྱིས་མ་ཡུམ་དྲ་བར་གནང་བའི་ཤིས་ཚིག
མ་ཡུམ་ནི་མིའི་རིགས་ཀྱི་གཙང་བོའི་འགོ་ཁུངས་ཤིག
མ་ཡུམ་ནི་བྱམས་བརྩེའི་རྨང་གཞི་འདིང་མཁན་གྱི་ཞི་བདེའི་ནམ་མཁའ་ཞིག
མ་ཡུམ་ནི་འཚོ་བའི་བར་སྣང་ཕྱེ་བའི་སྐྱ་རེངས་ཀྱི་སྒོ་གླགས་ཤིག
འདི་ལྟར་མ་ཡུམ་ནི་འཚོ་གནས་ཀྱི་ཁོར་ཡུག་ནས་མེད་དུ་མི་རུང་བའི་མ་ཡུམ་ཞིག་སྟེ།
འདི་ལྟར་མ་ཡུམ་གྱི་དྲ་རྒྱ་དབུ་བརྙེས་པ་ཡང་སྤྲོ་སེམས་ཁོལ་བའི་ངང་རྟེན་འབྲེལ་ཞུ།
༢༠༡༡ ༢ ༢༣ ལ་གོང་ས་ཏཱ་ལའི་བླ་མ་མཐོ་སློབ་ནས་ཨ་འཇམ་གྱིས།
མ་ཡུམ་དྲ་ཚིགས་ཀྱི་སྐྱེས་སྐར་ལ་ཕུལ་བའི་ཤིས་ཚིག གཟུངས་ཕྱུག་སྐྱིད།
རྒྱལ་ཡུམ་རྗེ་བཙུན་སྒྲོལ་མ་དག་སྣང་གིས་བཞེངས་ནས།། ཡུམ་ཆེན་བྲག་གི་སྲིན་མོའི་རྣམ་ཐར་ནས་བརྩམས་ཏེ།། མ་གཅིག་ལབ་ཀྱི་སྒྲོན་མའི་མཛད་རིམ་ལ་གཞིགས་ཚེ།། སྐྱེད་ཡུམ་ལྷ་མོའི་ཚོགས་ཀྱི་རྟོགས་བརྗོད་དེ་མཚར་ཨང་།། འབྲོ་བཟའ་ཁྲི་མ་ལོད་ཀྱི་དཔའ་མཛངས་དེ་བཙལ་ནས།། བཙན་མོ་སད་མ་ཀར་གྱི་བློ་བཀོད་ལ་བསྔགས་བཞིན།། ཚེ་སྤོང་མེ་ཏོག་བཟའ་ཡི་མཁྲེགས་འཛིན་ལ་བསམ་ན།། ན་རིམ་བཙུན་མོའི་ཚོགས་ཀྱི་ལོ་རྒྱུས་དེ་བརྗིད་ཨང་།། མྱང་ཚ་དཀར་རྒྱན་ཁྲོས་པའི་བློ་སྤོབས་ལ་དཔྱད་ཀྱིན།། ཨ་ཅེ་སྣང་ས་སྐྱོ་བའི་ངེས་འབྱུང་ལ་བརྟག་ནས།། གླིང་བཟའ་སེང་ལྕམ་འབྲུག་མོའི་སྐྱེས་འབྲས་ལ་བལྟས་ན།། གངས་ཅན་མ་ཡུམ་དག་གི་བཞུད་ལམ་འདི་རྨད་ཨང་།། བྱམས་བརྩེའི་དྲིན་གྱིས་བསྐྱངས་པའི་མ་རྒན་ནས་བརྩིས་ཏེ།། དགའ་བའི་འཛུམ་གྱིས་བསུ་མཁས་སྨན་ཤར་གྱི་གྲོགས་མོ།།
འཇིག་རྟེན་བདེ་ལྡན་ཞིང་གི་ཁྱིམ་གཞིས་ལ་དཔག་ཚེ།། བདེ་སྦྱིན་མ་ཡུམ་ཚོགས་ཀྱི་དུངས་པ་དེ་འཕགས་ཨང་།། ད་ཡང་འཇིག་རྟེན་མི་ཡི་གྲལ་འགོ་ནས་ལངས་ཏེ།།
ཤར་ནུབ་འཛམ་གླིང་ཟླུམ་པོའི་དཀྱིལ་དབུས་སུ་ཕེབས་ནས།། ༼མ་ཡུམ་དྲ་ཚིགས༽སྒེག་མོ་ལྷུག་ལྷུག་ཏུ་དགད་ཚེ།། ཕྱོགས་ཀྱི་མགྲོན་པོའི་ངག་གི་རམ་འདེགས་འདི་མཛེས་ཨང་།།
ཞེས་པ་འདི་གསར་དུ་སྒོ་འབྱེད་གནང་བའི་མ་ཡུམ་དྲ་ཚིགས་ཀྱི་སྐྱེས་སྐར་ལ་བཀྲ་ཤིས་ཁ་བཏགས་ཤིག་གི་ཚུལ་དུ་གཟུངས་ཕྱུག་སྐྱིད་ཀྱིས་སྤྱི་ལོ་༢༠༡༡ལོའི་ཟླ་༢པའི་ཚེས་༢༡ཉིན་རྡ་རམ་ས་ལར་བྲིས།
མ་ཡུམ་དྲ་ཚིགས་ལ་ཕུལ་བའི་ཤིས་ཚིག་བཀྲ་ཤིས་འཁོར་ལོ་མ། ཐོར་རྒོད་པ་སྤྱན་ཆབ།
ཁྱོད་ཀྱིས་གསུངས་པའི་རྨི་ལམ་དྭངས་མོ་གཅིག། ང་ལ་ཡོད་པའི་དམིགས་ཀྱི་རི་མོ་གཉིས།།
བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བཀྲ་ཤིས་ཚིག་གི་ལྷ་ཡིས་ངེད་གཉིས་སྲུངས།།
ཁྱོད་ཀྱིས་བསྙལ་བའི་ལོ་ཆང་བསིལ་མ་གཅིག། ང་ཡིས་འདོད་པའི་བཟི་ཁ་བཙན་པོ་གཉིས།།
བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བཀྲ་ཤིས་བདུད་རྩི་མཆོད་པའི་ངེད་གཉིས་བསྟོད།།
ཁྱོད་ཀྱིས་བོར་པའི་ཞེ་མདང་མདུད་པ་གཅིག། ང་ལ་མངའ་བའི་མགུལ་ལེ་དྲོན་མོ་གཉིས།།
བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བཀྲ་ཤིས་རྫས་ཀྱི་ཐག་པས་ངེད་གཉིས་ཆོངས།།
ཕྱི་ན་བཀྲ་ཤིས་འཛུམ་ཀྱི་མངར་ཁ་གཅིག། ནང་ན་བཀྲ་ཤིས་ཕན་པའི་དྲོད་ཁོལ་གཉིས།།
བཀྲ་ཤིས་གནམ་ལོ་གསར་བའི་དུས་བཟང་ལ།། བོད་ཀྱི་མ་ཡུམ་དྲ་ཚིགས་ཁྲི་ལོར་ཤོག
ཐུགས་རྗེ་ཆེ་ཞུ།
ཁེ་ན་ཌ་གནས་བཞུགས་དྲ་རྒྱ་སྒྲིག་སྦྱོར་ཆེད་མཁས་པ་བསོད་ནམས་འོད་ཟེར་ལགས་ཀྱིས་ལྷག་བསམ་རྣམ་དག་གིས་ང་ཚོར་དྲ་བའི་མཐུན་རྐྱེན་དང་། དྲ་ཚིགས་སྒྲིག་སྦྱོར་ཐོག་ལམ་སྟོན་རོགས་རམ་གནང་བ་བཅས་ལ་སྙིང་ཁོངས་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ། མ་ཡུམ་རྩོམ་སྒྲིག་པས།